Category: ཁྱབ་བསྒྲགས།

སངས་རྒྱས་ཀྱི་དུས་ཆེན་ལྔ་འཛོམས

འབྲུག་ཟླ་ ༤ པའི་ཚེས་ ༡༥ ལུ་ སངས་རྒྱས་ཀྱི་དུས་ཆེན་ལྔ་ ལྷུམས་སུ་ཞུགས་པ་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་དང་ སྐུ་མྱ་ངན་ལས་འདས་པ་ཟེར་ དུས་ཆེན་ལྔ་འཛོམས་བརྩི་སྲུང་ཞུཝ་ཨིན། བཀྲ་ཤིས་པའི་ཉིནམ་འདི་ཁར་ རང་བཞིན་སླར་འབྱུང་ཐོན་སྐྱེད་བཟའ་ཚང་གིས་ འགྲོ་བ་སེམས་ཅན་གྱི་ཕན་བདེ་དོན་ལུ་ དད་མོས་ཅན་གྱི་སྨོན་འདེབས་ཕུལ་ནི་དང་འབྲེལ་ འབྲུག་མི་ཡོངས་ཀྱིས་ ལྷ་ཆོས་དགེ་བ་བཅུ་ཉམས་སུ་བླང་སྟེ་ ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་ ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་རེ་སྨོན་ཞུ།།

Loading

Read more

ཁྱབ་བསྒྲགས།

དོན་ཚན། སོ་ནམ་ཐོན་སྐྱེད་ཚུ་ཕྱིར་ཚོང་གི་དོན་ལས་ ཞིབ་དཔྱད་དང་ རྩི་ཤིང་གཙང་སྦྲའི་ལག་ཁྱེར་ Phytosanitary Certificate (PSC) སྤྲོད་ནིའི་ནང་ལྷན་ཐབས་ལུ་དམིགས་ཏེ་ ཆུ་ཁ་ཆ་འདུས་ ས་གནས་དམ་ཆུ་ཟེར་སར་ གནས་སྐབས་ཀྱི་ཞིབ་དཔྱད་ཡིག་ཚང་ཅིག་ གཞི་བཙུགས་འབད་ཡོདཔ། སོ་ནམ་ཐོན་སྐྱེད་ཕྱིར་ཚོང་གི་དུས་ཚོད་ འགོ་བཙུགསཔ་དང་འབྲེལ་ མི་སེར་སོ་ནམ་པ་དང་ ཕྱིར་ཚོང་འཐབ་མི་ཚུ་གི་ཧོངས་ལས་ འཕྲལ་འབྱུང་གི་ཞུ་བ་ ལེ་ཤ་བཀོད་མི་དང་འཁྲིལ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ སྤྱི་ལོ་༢༠༢༡ སྤྱི་ཟླ་ ༨ པའི་ཚེས་ ༣ ལས་ […]

Loading

Read more