སོ་ནམ་ལས་ཁུངས་ཀྱི་སྐོར།

རྒྱབ་ཁུངས།

སོ་ནམ་ལས་ཁུངས་འདི་ རྒྱལ་ཁབ་ནང་གཞུང་གི་ལས་ཁུངས་རྙིངམ་ཅིག་ཨིན། ལས་ཁུངས་འདི་ ལོ་ལྔའི་འཆར་གཞི་འགོ་བཙུགསཔ་དང་གཅིག་ཁར་ སྤྱི་ལོ་ ༡༩༦༡ ལུ་གཞི་བཙུགས་འབད་ནུག། འགོ་བཙུགས་ལས་སྣ་ནང་ལུ་ འོད་གསལ་སྤང་དང་བསམ་གཏན་གླིང་ལུ་ ཞིབ་འཚོལ་ལྟེ་བ་འགོ་བཙུགས་ནི་དང་ སོ་ནམ་གྱི་ལས་སྣ་ལུ་གཙོ་བོར་བཏོན་ནུག། སྤྱི་ལོ་ ༡༩༩༠ དང་ ༢༠༠༠ ལུ་ སོ་ནམ་ལས་ཁུངས་ནང་ གཙུག་སྡེའི་གོ་སྒྲིག་ལེ་ཤ་འབད་ནུག། དེ་འབདཝ་ལས་ གཙུག་སྡེའི་མིང་དང་འགན་དབང་འདི་བརྟན་ཏོག་ཏོ་སྦེ་མ་ལུས་ནུག། ཨིན་རུང་ ལོ་དག་པ་ཅིག་གི་རྒྱབ་ལས་ ལས་ཁུངས་ཀྱི་མི་སྟོབས་དང་གཙུག་སྡེའི་འགན་གནས་འདི་ གནམ་མེད་ས་མེད་སྒྲིང་སྒྲིང་འགྱུར་ནུག།

སོ་ནམ་ལས་ཁུངས་འོག་ལུ་ སྡེ་ཚན་གསུམ་ཡོད། དེ་ཡང་ སོ་ནམ་ཐོན་སྐྱེད་སྡེ་ཚན། སོ་ནམ་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན་དང་ སོ་ནམ་བཟོ་རིག་སྡེ་ཚན་གསུམ་ཨིན། ལས་ཁུངས་འདི་རྒྱལ་ཁབ་ནང་འཁོད་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་བཞི་དང་ ལྟེ་བའི་ལས་རིམ་དྲུག་གིས་རྒྱབ་སྐྱོར་འབདཝ་ཨིན། ལྟེ་བའི་ལས་རིམ་ཚུ་གིས་ རྫོང་ཁག་སོ་ནམ་སྡེ་ཚན་དང་ རྒེད་འོག་རྒྱ་སྐྱེད་འགོ་དཔོན་ཚུ་ལུ་ འཕྲུལ་རིག་གི་རྒྱབ་སྐྱོང་བྱིནམ་ཨིན།

ལས་ཁུངས་ཀྱི་རྒྱལ་ཡོངས་མདོ་ཆེན་དང་པ་འདི་ དྲག་ཤོས་པདྨ་དབང་ཕྱུག་ཨིན། ཁོ་གིས་ལས་ཁུངས་ནང་ སྤྱི་ལོ་ ༡༩༧༤ ལས་ ༡༩༨༦ ཚུན་ཚོད་ཕྱག་ཞུ་ནུག། འདི་ལས་ཚུར་ མདོ་ཆེན་ ༨ ཀྱིས་ལས་ཁུངས་འདི་འགོ་འཛིན་འབད་ནུག། ད་ལྟོའི་མདོ་ཆེན་འདི་ ཨམ་ཀུན་ལེགས་ཚེ་རིང་ཨིན།

འཆར་སྣང་།

རང་མགོ་རང་འདྲོང་ ཐོན་སྐྱེད་ཅན་ སྣ་ཚོགས་དང་ཡུན་བརྟན་གྱི་སོ་ནམ་བཟའ་འཐུང་ལམ་ལུགས།

དམིགས་སྐྱེད།

བཟའ་འཐུང་དང་ཟས་བཅུད་ཉེན་སྲུང་བསྒྲུབ་ནི། རིག་གསར་དང་ཡུན་བརྟན་གྱི་འཕྲུལ་རིག་ཐོག་ལས་སོ་ནམ་གྱི་ལཱ་ལུ་བསྒྱུར་བ་འབག་ནི། དཔལ་འབྱོར/ཐོན་སྐྱེད་ཀྱི་གདམ་ཁ་སྣ་ཚོགས་དང་འགྲན་བསྡུར་ཅན། ཡུན་བརྟན་དང་ཡོངས་སུ་རྫོགས་པའི་སྲིད་བྱུས་དང་ལས་རིམ།

འགན་དབང་།

  • བཟའ་འཐུང་རང་གིས་རང་ལངམ་བཟོ་དགོ།
  • འོས་ལྡན་གྱི་སོ་ནམ་འཕྲུལ་རིག་བཟོ་ནི་དང་གོང་འཕེལ་གཏང་དགོ།
  • ཡུན་བརྟན་གྱི་ཞིང་ཆུ་དང་ཆུའི་འཛིན་སྐྱོང་ལམ་ལུགས་བཟོ་དགོ།
  • ཚོང་ལས་གོང་འཕེལ་གཏང་ནི། འོང་འབབ་དང་ལཱ་གཡོག་གོ་སྐབས་བཟོ་དགོ།
  • སོ་ནམ་ས་གཞི་ཡུན་བརྟན་དུ་ལག་ལེན་འཐབ་ནི་འདི་གོང་འཕེལ་གཏང་དགོ།
  • འཕྲུལ་ཐོག་ཞིང་ལཱ་དང་ ལས་མིའི་བཀག་སྲུང་འཕྲུལ་རིག་གོང་འཕེལ་གཏང་དགོ།
  • ཡུན་བརྟན་དང་ས་གཤིས་ལུ་གདོང་བཟེད་ཚུགས་པའི་སོ་ནམ་གོང་འཕེལ་གཏང་དགོ།
  • སྐྱ་ནམ་གྱི་ཚོང་ལཱའི་ལས་སྣ་གཞི་བཙུགས་འབད་དགོ།
  • ལོ་ཐོག་ཚུ་རི་དྭགས་སེམས་ཅན་ལས་བསྲུང་ནི་ལུ་ དོན་སྨིན་ཅན་གྱི་ཐབས་ལམ་བཟོ་ནི་དང་གོང་འཕེལ་གཏང་དགོ།
  • དགོས་མཁོ་བའི་སོ་ནམ་གྱི་ནང་བཙུགས་དང་ཞབས་ཏོག་ཚུ་སྤྲོད་དགོ། ༼ཞིང་ཁའི་གཞི་རྟེན་མཁོ་ཆས། གྲོས་སྟོན་དང་བདག་སྐྱོང་གི་ཞབས་ཏོག༽
  • ས། སྔོ་ཤིང་སྲུང་སྐྱོབ། ལོ་ཐོག་བསྡུ་གསོག་དང་སོ་ནམ་གྱི་རྒྱབ་སྐྱོར་ཞབས་ཏོག་ཚུ་བྱིན་དགོ།
  • ལས་རིམ་འགོ་འདྲེན་གྱི་དོན་ལུ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གཙུག་སྡེ་ཚུ་དང་འབྲེལ་བ་འཐབ་དགོ།

སྡེ་ཚན་གྱི་ལཱ་འགན།
སོ་ནམ་ཐོན་སྐྱེད་སྡེ་ཚན།

  • སོ་ནམ་ཐོན་སྐྱེད་དང་ཚོང་འབྲེལ་ལུ་གནོད་མི་ གནད་དོན་གལ་ཆེ་བ་ཚུ་ངོས་འཛིན་འབད་ནི་ལུ་ ཐབས་ཤེས་དང་དོན་ཚན་དང་འབྲེལ་བའི་དབྱེ་ཞིབ་འགོ་འདྲེན་འཐབ་དགོ།
  • མ་དངུལ་རྒྱབ་སྐྱོར་གྱི་དོན་ལུ་ ཐོན་སྐྱེད་ཀྱི་ལས་འགུལ་གྲོས་འཆར་ ཡང་ན་ བསམ་གཞིའི་ཐོ་ཚུ་བཟོ་སྟེ་ འདི་ལྷན་ཁག་དང་གྲོགས་རམ་བྱིན་མིའི་ལས་སྡེ་ལུ་སྤྲོད་ནི་ཚུ་འགོ་འདྲེན་འཐབ་དགོ།
  • རྫོང་ཁག་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་ ལྟེ་བའི་ལས་རིམ་གྱི་ ས་གནས་གཞུང་གི་འཆར་གཞི་དང་ལས་རིམ་ཚུ་ འཆར་གཞི་བརྩམ་ནི་ཚུ་ཕན་གྲོགས་འབད་ནི་ལུ་ ཐབས་ཤེས་དང་འབྲེལ་བའི་བྱ་རིམ་གྱི་ལམ་སྟོན་ཚུ་བྱིན་དགོ།
  • སོ་ནམ་ཐོན་སྐྱེད་དང་ཚོང་འབྲེལ་གྱི་དོན་ལུ་ ལོ་ལྔའི་སྐྱ་ནམ་གོང་འཕེལ་འཆར་གཞི་དང་ལས་རིམ་ཚུ་ ཕན་གྲོགས་འབད་ནི་དང་འགོ་འདྲེན་འཐབ་དགོ།
  • རྫོང་ཁག་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་ ལྟེ་བའི་ལས་རིམ་ཚུ་དང་གྲོས་བསྟུན་འབད་ཞིནམ་ལས་ ལོ་བསྟར་སོ་ནམ་ཐོན་སྐྱེད་ཀྱི་རྒྱབ་སྐྱོར་འཆར་གཞི་དང་འཆར་དངུལ་ཚུ་ ལྷན་ཁག་ལུ་ཕུལ་ནིའི་དོན་ལུ་ ཕན་གྲོགས་དང་ མཉམ་སྡེབ་འབད་དགོ།
  • དངུལ་རྩིས་ལྷན་ཁག་དང་ སོ་ནམ་དང་སྒོ་ནོར་ལྷན་ཁག་གཅིག་ཁར་ ལོ་བསྟར་ལཱའི་འཆར་གཞི་དང་ འཆར་དངུལ་མཐུན་སྒྲིག་ཚུ་ འགོ་འདྲེན་འཐབ་དགོ།
  • ལྡུམ་ར་རིག་པའི་ལཱ་དང་ཞིང་ཐོག་གི་དོན་ལུ་ ཚོང་ལས་གོང་འཕེལ་གཏང་ནིའི་འཆར་གཞི་དང་གཙོ་རིམ་བཟོ་དགོ།
  • སོ་ནམ་ས་ཞིང་དང་ལྡུམ་ར་རིག་པའི་ལཱ་གི་ མི་སྟོབས་གོང་འཕེལ་ལས་སྣ་ཚུ་རྒྱབ་སྐྱོར་དང་ཕན་གྲོགས་འབད་དགོ།
  • ལོ་བསྟར་བསྐྱར་ཞིབ་དང་འཆར་གཞིའི་གོ་བསྡུར་ཞལ་འཛོམས་ཚུ་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་དང་ལྟེ་བའི་ལས་རིམ་ཚུ་གཅིག་ཁར་ འགོ་འདྲེན་འཐབ་དགོཔ་དང་ཕན་གྲོགས་འབད་དགོ།
  • ལྟེ་བའི་ལས་རིམ་གྱི་ལོ་ལྔའི་འཆར་གཞི་དང་ལས་རིམ་ཚུ་ སྡེ་ཚན་གྱི་འཆར་གཞི་དང་ལས་རིམ་ཚུ་གཅིག་ཁར་ བསྐྱར་ཞིབ་འབད་དགོཔ་དང་མཚུངས་པར་བཟོ་དགོ།
  • སོ་ནམ་ཐོན་སྐྱེད་དང་ཚོང་འབྲེལ་ཡར་སེང་རྐྱབ་ནིའི་དོན་ལུ་ ལྷན་ཁག་ནང་འཁོད་དང་ཕྱི་ཁའི་འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་རུབ་འབད་དགོཔ་དང་འགོ་འདྲེན་འཐབ་དགོ།
  • སོ་ནམ་ཐོན་སྐྱེད་དང་འབྲེལ་བའི་ ཁྱད་པར་ བར་གེགས་དང་གནད་དོན་ཚུ་ངོས་འཛིན་འབད་དེ་ སེལ་ཐབས་རྒྱབ་སྣོན་འབད་དགོ།
  • སྡེ་ཚན་དང་ལྟེ་བའི་ལས་རིམ་གྱི་ ལོ་བསྟར་དང་ལོ་ལྔའི་འཆར་གཞི་དང་ལས་རིམ་ཚུ་གཞི་བཙུགས་འབད་ནི་ཚུ་ འགོ་འདྲེན་འཐབ་དགོ།
  • བཟའ་འཐུགང་ཉེན་སྲུང་ སོ་ནམ་ས་ཞིང་དང་ལྡུམ་ར་རིག་པའི་གོང་འཕེལ་གི་ལས་འགུལ་གཞི་བཙུགས་འབད་ནི་ཚུ་ ཕན་གྲོགས་འབད་དགོ།
  • མཉམ་རུབ་ཀྱི་ལས་རིམ་དང་ལས་སྣ་ཚུ་གཞི་བཙུགས་འབད་ནི་ལུ་ ལྷན་ཁག་དང་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ འབྲེལ་ཡོད་ལས་སྡེ་ཚུ་དང་མཉམ་རུབ་འབད་དགོ།
  • ཁ་འཆམ་ཡོད་པའི་ལཱའི་འཆར་གཞི་དང་ ལྟ་རྟོག་ལས་འཆར་གཞི་བཙུགས་ཀྱི་ཟླཝ་གསུམ་རེར་དང་ལོ་བསྟར་ལྟ་རྟོག་འགོ་འདྲེན་འཐབ་དགོ།
  • ཟླཝ་གསུམ་རེར་གྱི་ཡར་རྒྱས་སྙན་ཞུ་བསྡུ་སྒྲིག་འབད་དེ་ ལྷན་ཁག/འབྲུག་གཞུང་/གྲོགས་རམ་བྱིན་མི་ལས་སྡེ་ཚུ་ལུ་སྤྲོད་ནི་དང་གསལ་ཞུ་འབད་ནི་ཚུ་ འགོ་འདྲེན་འཐབ་དགོ།
  • ངེས་པར་མཁོ་བའི་བསྐྱར་བཟོ་དང་ ཁ་ཕྱོགས་དག་བཅོས་ཀྱི་དོན་ལུ་ ལོ་ལྔའི་འཆར་གཞིའི་ལོ་ཕྱེད་བསྐྱར་ཞིབ་འགོ་འདྲེན་འཐབ་དགོ།
  • ས་གནས་དང་རྒྱལ་སྤྱིའི་འབྲེལ་ཡོད་ལས་སྡེ་ཚུ་དང་འབྲེལ་བ་བཟོ་དགོཔ་དང་འབྲེལ་བ་འཐབ་དགོ།

སོ་ནམ་བཟོ་རིག་སྡེ་ཚན།

  • སོ་ནམ་གཞི་རྟེན་མཁོ་ཆས་གོང་འཕེལ་གྱི་སྲིད་བྱུས་ལམ་སྟོན་ཚུ་བྱིན་དགོ།
  • སོ་ནམ་གཞི་རྟེན་མཁོ་ཆས་གོང་འཕེལ་གྱི་རྒྱལ་ཡོངས་འཆར་གཞི་བརྩམ་དགོཔ་དང་ ལས་རིམ་བཟོ་དགོ།
  • ལྟེ་བའི་ལས་རིམ་དང་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བའི་ལོ་ལྔའི་འཆར་གཞི་ཚུ་ སྡེ་ཚན་གྱི་འཆར་གཞི་དང་ལས་རིམ་ཚུ་འཁྲིལ་ཏེ་ བསྐྱར་ཞིབ་འབད་དགོཔ་དང་མཚུངས་པར་བཟོ་དགོ།
  • སོ་ནམ་ཞིང་ལམ་ ཞིང་ཆུ་དང་གཞི་བའི་བཟོ་སྐྲུན་གྱི་ལཱ་གཞན་ཚུ་གི་དོན་ལུ་ འཕྲུལ་རིག་གི་གནས་ཚད་དང་བཤད་པ་བཟོ་དགོ།
  • སོ་ནམ་ཞིང་ལམ་ ཞིང་ཆུ་དང་གཞི་བའི་བཟོ་སྐྲུན་གཞན་གྱི་ས་འཇལ་ བཟོ་བཀོད་དང་ཚོད་རྩིས་ལུ་ འཕྲུལ་རིག་གི་རྒྱབ་སྐྱོར་བྱིན་དགོ།
  • སོ་ནམ་གཞི་རྟོན་མཁོ་ཆས་ཀྱི་ལས་རིམ་དང་ལས་འགུལ་ཚུ་ འགོ་འདྲེན་འཐབ་དགོ།
  • བཟོ་སྐྲུན་གྱི་ལཱའི་རི་མོ་ བཟོ་བཀོད་ ཚོད་རྩིས་ རིན་བསྡུར་ དབྱེ་ཞིབ་ ས་ཁོངས་ལྟ་རྟོག་དང་ཁག་འབག་འཛིན་སྐྱོང་ཚུ་འགོ་འདྲེན་འཐབ་དགོཔ་དང་གཞི་བཙུགས་འབད་དགོ།
  • གཙོ་བོ་ར་ ལྟེ་བའི་ལས་རིམ་དང་ལས་འགུལ་གྱི་འོག་ལུ་ཞིང་ཆུ།
  • རྫོང་ཁག་བཟོ་རིག་འགོ་དཔོན་ཚུ་ལུ་ འཁོར་ལམ་བསལ་ནི་ ཞིང་ཆུ་དང་གཞི་བའི་བཟོ་སྐྲུན་གཞན་དང་འབྲེལ་བའི་སྦྱོང་བརྡར་བྱིན་དགོ།
  • སོ་ནམ་ས་ཞིང་ཚུ་ཉེན་སྲུང་འབད་ནི་ལུ་ གལ་ཆེ་བའི་ཆུ་འགྲམ་ཉེན་སྲུང་གྱི་ལཱ་གཞི་བཙུགས་འབད་དགོ།
  • སོ་ནམ་གཞི་རྟོན་མཁོ་ཆས་གོང་འཕེལ་གཏང་ནི་ལུ་ འབྲེལ་ཡོད་ལས་སྡེ་ ས་གནས་དང་རྒྱལ་སྤྱིའི་འདུས་ཚོགས་ཚུ་གཅིག་ཁར་མཐུན་འབྲེལ་བཟོ་དགོཔ་དང་འབྲེལ་བ་འཐབ་དགོ།
  • ལྟེ་བའི་ལས་རིམ་དང་སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གི་ འཕྲུལ་རིག་གྲོས་འཆར་ཚུ་བསྐྱར་ཞིབ་འབད་དགོཔ་དང་ མཐའ་དཔྱད་ཆ་འཇོག་འབད་དགོ།
  • འཕྲུལ་རིག་དང་དངུལ་འབྲེལ་རྒྱབ་སྐྱོར་གྱི་དོན་ལུ་ སོ་ནམ་གཞི་རྟེན་མཁོ་ཆས་ཀྱི་ལས་འགུལ་གྲོས་འཆར་བཟོ་དགོ། འོས་ལྡན་གྱི་ཐོན་ཁུངས/གྲོགས་རམ་བྱིན་མི་ཚུ་ལས་ མ་དངུལ་འཚོལ་སྒྲུབ་འབད་དགོ།
  • སོ་ནམ་དང་སྒོ་ནོར་ལྷན་ཁག་གི་ དམིགས་ཡུལ་དང་དམིགས་དོན་ཚུ་དང་མཚུགས་པར་བཟོ་ནི་ལུ་ རྫོང་ཁག་གི་ལོ་ལྔའི་འཆར་གཞི་དང་ཐབས་ལམ་ཚུ་ བསྐྱར་ཞིབ་འབད་དགོཔ་དང་ཡར་དྲག་བཟོ་དགོ། ལྷན་ཁག་གིས་འཆར་གཞི་འདི་འཕྲོ་མཐུད་ནི་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་གཅིག་ཁར་འབད་དགོ།
  • རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ སོ་ནམ་གཞི་རྟེན་མཁོ་ཆས་དང་འབྲེལ་བའི་འཕྲུལ་རིག་རྒྱབ་སྐྱོར་བྱིན་དགོ།
  • སྡེ་ཚན་གྱི་ཡར་རྒྱས་སྙན་ཞུ་ ལོ་ལྔ་དང་ལོ་བསྟར་ལཱའི་འཆར་གཞི་དང་འཆར་དངུལ་བཟོ་དགོ།
  • ཞིང་ལམ་ ཞིང་ཆུ་དང་གཞི་བའི་བཟོ་སྐྲུན་གཞན་གྱི་ལཱ་ཚུ་ དུས་མཚམས་ཀྱི་ལྟ་རྟོག་འགོ་འདྲེན་འཐབ་དགོ།
  • འཕྲུལ་ཆས་སྡེ་ཕྲན་ལྟེ་བ་བརྒྱུད་དེ་ ཞིང་ལམ་བསལ་ནིའི་འཕྲུལ་ཆས་ཚུ་ རྫོང་ཁག་ལུ་བཀྲམ་དགོ།།

སོ་ནམ་ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན།

  • སོ་ནམ་གོང་འཕེལ་གྱི་དོན་ལུ་ འཕྲུལ་རིག་བཟོ་ནི་ལུ་ ཞིབ་འཚོལ་གྱི་ལས་རིམ་གཞི་བཙུགས་ཚུ་འགོ་འདྲེན་འཐབ་དགོཔ་དང་ཕན་གྲོགས་འབད་དགོ།
  • སོ་ནམ་གོང་འཕེལ་གྱི་དོན་ལུ་ འཕྲུལ་རིག་ཁྱབ་སྤེལ་འགོ་འདྲེན་འཐབ་དགོཔ་དང་ཕན་གྲོགས་འབད་དགོ།
  • ཞིབ་འཚོལ་དང་རྒྱ་སྐྱེད་ཀྱི་སྲིད་བྱུས་དང་ཐབས་ལམ་ཚུ་ གཞི་བཙུགས་འབད་ནི་དང་བསྐྱར་ཞིབ་འབད་ནི་ཚུ་འགོ་འདྲོན་འཐབ་དགོ།
  • ལོ་ལྔའི་འཆར་གཞི་དང་ལོ་བསྟར་འཆར་གཞི་ཚུ་བཟོ་ནི་དང་ འདི་ཚུ་གཞི་བཙུགས་འབད་ནི་ལམ་སྟོན་འབད་དགོ།
  • འཆར་གཞི་བརྩམ་ཡོད་པའི་ཞིབ་འཚོལ་དང་རྒྱ་སྐྱེད་ལས་རིམ་གཞི་བཙུགས་གྱི་ལྟ་རྟོག་ དབྱེ་ཞིབ་དང་ལྟ་ཞིབ་འགོ་འདྲེན་འཐབ་དགོ།
  • སྡེ་ཚན་འདི་ འབྲུག་གི་སོ་ནམ་གནས་དེབ་རྩོམ་སྒྲིག་གི་བཀོད་ཚོགས་༼ Bhutanese Journal Agriculture Editorial Board༽ སྣ་ཚོགས་གསར་བཏོན་ཚོགས་ཆུང་༼ Varietal Releasing Committee༽ རྒྱལ་ཡོངས་སོན་རིགས་བཀོད་ཚོགས་དང་ བཟའ་འཐུང་རྩ་བརྟན་བཟོ་ནིའི་ལས་རིམ་༼Food Fortification Program ༽ དང་ སོ་ནམ་ཐོན་སྐྱེད་དང་གནམ་གཤིས་རིག་པའི་གྲོས་སྟོན་ཞབས་ཏོག་༼ Agro-met Advisory Services༽གི་ དྲུང་ཆེན་ཡིག་ཚང་འབད་དགོ།
  • སྐྱ་ནམ་ཞིབ་འཚོལ་འཆར་གཞི་དང་ལས་རིམ་༼ལོ་བསྟར་དང་ལོ་ལྔའི་འཆར་གཞི༽ བཟོ་ནི་ལུ་ འགོ་འདྲེན་འཐབ་དགོཔ་དང་ལམ་སྟོན་འབད་དགོ།
  • སྐྱ་ནམ་ཞིབ་འཚོལ་ཐབས་ལམ༼ཡུན་ཐུང་/ཡུན་རིང་༽ བཟོ་ནི་ལུ་ འགོ་འདྲེན་འཐབ་དགོཔ་དང་ལམ་སྟོན་འབད་དགོ།
  • ཞིབ་འཚོལ་གཙུག་སྡེ་ཚུ་གཅིག་ཁར་ རྒྱལ་ཡོངས་ ལུང་ཕྱོགས་དང་རྒྱལ་སྤྱིའི་མཉམ་རུབ་འགོ་འདྲེན་འཐབ་དགོ།
  • ཞིབ་འཚོལ་དང་རྒྱ་སྐྱེད་ལས་རིམ་ཕན་གྲོགས་འབད་ཐབས་ལུ་ མ་དངུལ་གྲ་སྒྲིག་རྐྱབ་ནི་ལུ་ ལས་འགུལ་གྲོས་འཆར་བཟོ་དགོ།
  • སོ་ནམ་རྒྱ་སྐྱེད་རྒྱབ་སྐྱོར་འབད་ནི་ལུ་ སོ་ནམ་རྒྱ་སྐྱེད་སྲིད་བྱུས་དང་ལམ་སྟོན་ཚུ་ བསྐྱར་ཞིབ་དང་གཞི་བཙུགས་འབད་ནི་ཚུ་ འགོ་འདྲེན་འཐབ་དགོ།
  • ཞིབ་འཚོལ་དང་རྒྱ་སྐྱེད་ལས་གཡོགཔ་ཚུ་ལུ་ ལྕོགས་གྲུབ་བཟོ་ནིའི་ལས་རིམ་འགོ་འདྲེན་འཐབ་དགོ།
  • བསྐྱར་ཞིབ་འབད་ཡོད་པའི་སོ་ནམ་གནས་དེབ༼རྒྱལ་ཡོངས་ ལུང་ཕྱོགས་དང་ རྒྱལ་སྤྱི༽ དཔེ་སྐྲུན་འབད་ནི་འགོ་འདྲེན་འཐབ་དགོ།
  • ཞིབ་འཚོལ་དང་རྒྱ་སྐྱེད་ཀྱི་ཡོན་ཏན་དང་བརྡ་དོན་ འཛིན་སྐྱོང་འབད་དེ་ ཁྱབ་སྤེལ་འབད་དགོ།
  • ལོ་བསྟར་ཞིབ་འཚོལ་ལཱའི་འཆར་གཞི་གི་གཞི་བཙུགས་ལྟ་རྟོག་ དབྱེ་ཞིབ་དང་ལྟ་ཞིབ་འབད་ནི་འགོ་འདྲེན་འཐབ་དགོ།
  • ལོ་བསྟར་ཞིབ་འཚོལ་དང་རྒྱ་སྐྱེད་ཀྱི་བསྐྱར་ཞིབ་དང་འཆར་གཞིའི་བསྟར་སྤྱོད་འགོ་འདྲེན་འཐབ་དགོ།
  • སོ་ནམ་ཞིབ་འཚོལ་ལས་རིམ་གྱི་ཡར་རྒྱས་སྙན་ཞུ་ཚུ་ ལྷན་ཁག་ལུ་ཕུལ་ནི་ལུ་ བསྡུ་ལེན་དང་བསྡུ་སྒྲིག་འབད་དགོ།
  • བདག་སྐྱོང་གི་གནས་སྡུད་བསྡུ་སྒྲིག་འབད་དགོཔ་དང་འཛིན་སྐྱོང་འཐབ་དགོ།

Loading

Print Friendly, PDF & Email
Share