སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་སྐོར།

རྒྱབ་ཁུངས།

སོ་ནམ་དང་སྒོ་ནོར་ལྷན་ཁག་གི་འོག་ལུ་ ལས་ཁུངས་གསུམ་ཡོད་པའི་གྲལ་ལས་གཅིག་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་འདི་ཨིན། ལས་ཁུངས་འདི་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་བསྒྲགས་འབད་ནི་དང་ མཉམ་ལས་ཚོགས་སྡེ་ལས་སྡེ་ གོང་འཕེལ་གཏང་ནི་ལུ་ གྲོགས་རམ་འབདཝ་ཨིན། ལས་ཁུངས་འདི་ སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༡༠ པ་ལུ་ གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༣ པ་ལས་འགོ་བཟུང་ ལས་ཁུངས་ཡོངས་སུ་རྒྱས་པ་སྦེ་ བཀོལ་སྤྱོད་འབད་ནི་འགོ་བཙུགས་ནུག།

ཚོང་ལམ་གོང་འཕེལ་སྡེ་ཚན། ཚོང་ལམ་བརྡ་དོན་དང་ཞིབ་འཚོལ་སྡེ་ཚན་དང་ མཉམ་ལས་ཚོགས་སྡེ་གོང་འཕེལ་སྡེ་ཚན་འདི་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་སྡེ་ཚན་གསུམ་ཨིན། ལས་ཁུངས་འདི་གི་འོག་ལུ་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ཡིག་ཚང་གཉིས་ཡོད། དེ་ཡང་ དབུས་ཕྱོགས་རྫོང་ཁག་དྲུག་གི་དོན་ལུ་ ཡིག་ཚང་དགེ་ལེགས་ཕུག་ལུ་ཡོདཔ་དང་ ཤར་ཕྱོགས་རྫོང་ཁག་དྲུག་གི་དོན་ལུ་ མོང་སྒར་ལུ་ཡོད།

འཆར་སྣང་།

ཡུན་བརྟན་གྱི་མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ རྒྱུ་རྐྱེན་འབད་མི་ ཁེབ་ས་ཅན་དང་ རྒྱལ་ཁབ་ནང་འཁོད་དང་རྒྱལ་སྤྱིའི་ཚོང་ལམ་ལུ་ མི་སེར་ལུ་གཙོ་བོ་བཏོན་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཚོང་འབྲེལ་ལུ་ ཕན་ནུས་ཅན་དང་ངོས་ལེན་གྱི་ ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་གཙུག་སྡེ།

དམིགས་སྐྱེད།

ནུས་ཤུགས་ཅན་དང་ཕན་ནུས་ཅན་གྱི་ ཚོང་འབྲེལ་ལམ་ལུགས་ཐོག་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཀྱི་ ཚོང་འབྲེལ་ཡར་སེང་རྐྱབ་ནི། གཙུག་སྡེའི་མཐུན་འབྲེལ་བཟོ་ནི་དང་ སོ་ནམ་པའི་སྡེ་ཚན་དང་མཉམ་ལས་ཚོགས་སྡེ་ སྒྲིང་སྒྲིང་བཟོ་ནི།

འགན་དབང་།

  • གྲོང་གསེབ་ཀྱི་དཔལ་འབྱོར་ཡར་དྲག་འབག་ནི་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་འདི་ འཚོ་ཙམ་གྱི་སོ་ནམ་ཞིང་ལཱ་ལས་ ཚོང་འབྲེལ་གྱི་སོ་ནམ་ཞིང་ལཱ་ལུ་བསྒྱུར་ནི་འདི་ ཁྱབ་སྤེལ་འབད་ནི།
  • སོ་ནམ་པའི་སྡེ་ཚད་དང་མཉམ་ལས་ཚོགས་སྡེ་ གོང་འཕེལ་གཏང་ཐོག་ལས་ དཔལ་འབྱོར་དང་མི་སྡེའི་དབང་ཆ་ རྒྱབ་སྐྱོར་འབད་ནི།
  • སོ་ནམ་པའི་སྡེ་ཚན་དང་མཉམ་ལས་ཚོགས་སྡེ་གི་ གོ་སྒྲིག་དང་གོང་འཕེལ་གྱི་ཐོག་ལས་ དཔལ་འབྱོར་གྱི་ནུས་ཤུགས་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཐོན་འབྲས་དང་ཚོང་འབྲེལ་འོས་འབབ་ ཡར་དྲག་བཟོ་ནི།
  • ཚོང་ལམ་ཞིབ་འཚོལ། རིག་སྟོབས། བརྡ་དོན་དང་སློབ་སྦྱོང་གི་ཐོག་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཀྱི་ ཡུན་བརྟན་དང་ཕན་ནུས་ཅན་གྱི་ འཛིན་སྐྱོང་དང་ཐོན་འབྲས་རྒྱབ་སྐྱོར་འབད་ནི།
  • གཞི་རྟེན་མཁོ་ཆས་ཀྱི་གོང་འཕེལ་ཐོག་ལས་ ནང་འཁོད་དང་ཕྱིར་ཚོང་གི་ཚོང་ལམ་ ཡར་དྲག་གཏང་ནི་ལུ་ འཇོན་དྲགས་ཅན་དང་ ཕན་ནུས་ཅན་གྱི་ཚོང་འབྲེལ་ལམ་ལུགས་ གཞི་བཙུགས་འབད་ནི།

སྡེ་ཚན་དང་ལུང་ཕྱོགས་ཡིག་ཚང་གི་ལཱ་འགན།

ཚོང་ལམ་བརྡ་དོན་དང་ཞིབ་འཚོལ་སྡེ་ཚན།

  • བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ལག་ལེན་ཐོག་ལས་ རྒྱལ་ཡོངས་དང་ལུང་ཕྱོགས་ཀྱི་གནས་ཚད་ལུ་ ཚོང་ལམ་བརྡ་དོན་དང་ཞིབ་འཚོལ་སྡེ་ཚན་ གཞི་བཙུགས་འབད་ནི་དང་ སྒྲིང་སྒྲིང་བཟོ་ནི།
  • ཚོང་ལམ། གོང་ཚད། གཞི་རྟེན་མཁོ་ཆས་དང་ རྒྱལ་ཁབ་ནང་འཁོད་དང་ཕྱི་ཁའི་ ཡར་འཕེལ་དང་འབྲེལ་བའི་བརྡ་དོན་ བསྡུ་ལེན་དང་ཁྱབ་སྤེལ་འབད་ནི་ཚུ་ འགོ་བཙུགས་ནི།
  • ཚོང་ལམ་གྱི་འགྲོས་དང་ ཐབས་ལམ་མ་འདྲཝ་ ༼ཡོངས་འབྲེལ་འཆར་སྒོ། སྙན་ཞུ། གོ་བསྡུར་ཞལ་འཛོམས་དང་བརྡ་བརྒྱུད༽ སྣ་ཚོགས་ཀྱི་ཐོག་ལས་ དུས་ཐོག་ཁྱབ་སྤེལ་གྱི་གོང་ཚད་ཀྱི་ དུས་ཐོག་སྙན་ཞུ་ཚུ་ བསྡུ་ལེན་དང་བསྡུ་སྒྲིག་འབད་ནི་ དེ་ལས་ བརྡ་དོན་དབྱེ་དཔྱད་འབད་ནི་དང་བཟོ་ནི།
  • ཚོང་ལམ་བརྡ་དོན་གྱི་གནས་ཚུལ་བསྡུ་ལེན། སྙན་ཞུ་དང་དཔེ་སྐྲུན་འབད་ནི་ལུ་ ལཱ་སའི་ལས་གཡོགཔ་ལུ་ སྦྱོང་བརྡར་བྱིན་ནི་དང་གཞི་བཙུགས་འབད་ནི།
  • གཞུང་ལས་མི་སེར་གྱི་ཞབས་ཏོག་བརྩིས་ཏེ་ མི་མང་བརྡ་བརྒྱུད་ཀྱི་ཐོག་ལས་ ཚོང་ལམ་བརྡ་དོན་འདི་ ཁེ་རྒྱུད་ཡོད་མི་ལུ་ དུས་ཐོག་ལུ་ཁྱབ་སྤེལ་འབད་ནི།
  • ཚོང་ལམ་རྒྱ་སྐྱེད་ཀྱི་དོན་ལུ་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཞིནམ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཀྱི་ ཚོང་འབྲེལ་གྱི་གདོང་ལེན་གསརཔ་ལུ་ སོ་ནམ་པ་གིས་གདོང་ལེན་འབད་ནི་ལུ་ གོམས་འདྲིས་ཚུད་བཅུག་ནི།
  • ཚོང་འབྲེལ་གྱི་ལས་སྣ་འགོ་འདྲེན་འཐབ་ནི་དང་ ཚོང་འབྲེལ་གྱི་དཀའ་ངལ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་གཙོ་བོའི་སྐོར་ལས་ སྐྱོན་བརྡའི་བརྟག་ཞིབ་མཁོ་སྤྲོད་དང་ མཁོ་མངག་འབད་ནི།
  • རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་དོན་ལུ་ ཚོང་ལམ་དང་ཚོང་འབྲེལ་ལམ་ལུགས་ བརྟག་ཞིབ་དང་དབྱེ་ཞིབ་འབད་ནི།
  • རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཀྱི་དོན་ལུ་ རྒྱལ་ཁབ་ནང་འཁོད་དང་ ཕྱིར་ཚོང་གི་ཚོང་ལམ་དགོས་མཁོ་ཚུ་ འཚོལ་ཞིབ་འབད་ནི་དང་ སྙན་ཞུ་དང་ཞིབ་འཚོལ་གྲུབ་འབྲས་ཚུ་ དཔེ་སྐྲུན་འབད་དེ་ ཁེ་རྒུད་ཡོད་མི་ཚུ་ལུ་ སྤེལ་ནི།
  • ཚོང་ལམ་གྱི་དགོས་མཁོ་དང་བར་སྟོང་ཚུ་ ངོས་འཛིན་འབད་ནི་དང་ ཐབས་ལམ་མ་འདྲཝ་ ༼ཡོངས་འབྲེལ་འཆར་སྒོ། སྙན་ཞུ། གོ་བསྡུར་ཞལ་འཛོམས་དང་གཞན༽ སྣ་ཚོགས་ཀྱི་ཐོག་ལས་ ཁེ་རྒུད་ཡོད་མི་ཚུ་ལུ་ སྤེལ་ནི།
  • ལོ་བསྟར་ཚོང་ལམ་བརྡ་དོན་སྙན་ཞུ་ དཔེ་སྐྲུན་འབད་ནི།

ཚོང་ལམ་གོང་འཕེལ་སྡེ་ཚན།

  • བརྡ་དོན་དང་ཞིབ་འཚོལ་གྲུབ་འབྲས་ལུ་གཞི་བཏག་སྟེ་ རང་བཞིན་སླར་འབྱུང་ཐོད་སྐྱེད་ཀྱི་ཚོང་འབྲེལ་དང་འབྲེལ་བའི་ སྤྱིར་བཏང་སྲིད་བྱུས། འཆར་གཞི་དང་ལམ་སྟོན་ཚུ་བཟོ་ནི།
  • འཆར་གཞི་བཟོ་ཐོག་དང་ ཐོན་སྐྱེད་དང་ཚོང་འབྲེལ་ལུ་ འོས་མཐུན་ཡོད་པའི་བར་ཞུགས་ཚུ་གི་ཐོག་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་ཀྱི་དོན་ལུ་ ནང་འཁོད་དང་རྒྱལ་སྤྱིའི་ཚོང་ལམ་བཟོ་ནི་དང་ ཡུན་དུ་བརྟན་ནི།
  • འཕྲུལ་རིག་ལས་ཁུངས་དང་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ ཚོང་འབྲེལ་གོང་འཕེལ་གྱི་ལས་སྣ་ཚུ་ འཆར་གཞི་བརྩམ་ནི། འགོ་འདྲེན་འཐབ་ནི་དང་ ལག་ལེན་འཐབ་ནི།
  • ཚོང་འབྲེལ་གི་གཞི་རྟེན་མཁོ་ཆས ༼སོ་ནམ་ཚོང་ཁང་། བསྡུ་གསོག་ཁང་ཁྱིམ་དང་གཞན༽ བཟོ་ནི།
  • སོ་ནམ་པ། རྒྱ་སྐྱེད་ལྟེ་བ། རང་བཞིན་སླར་འབྱུང་ཐོན་སྐྱེད་འགོ་དཔོན་དང་ ཁེ་རྒུད་ཡོད་མི་གཞན་ཚུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཚོང་འབྲེལ་གི་ཐོག་ལུ་ ལྕོགས་གྲུབ་བཟོ་ནི།
  • ཚོང་འབྲེལ་རྒྱུ་སྒྲུབ་མཁོ་ཆས་ཀྱི་མཐུན་རྐྱེན ༼ཁ་ཡིག་བཏགས་ནི་དང་སྒམ་རྐྱབ་ནིའི་རྒྱུ་ཆ༽ ཚུ་ འཐོབ་ཚུགསཔ་བཟོ་ནི།
  • སོ་ནམ་དང་ཚོང་འབྲེལ་གྱི་ལཱ་འབད་མི་ཚུ་ ཚོང་འབྲེལ་ཐོན་སྐྱེད་དང་ཚོང་འབྲེལ་སོ་ནམ་ཞིང་ལཱ་ལུ་ ངོ་སྤྲོད་འབད་ནི། སོ་ནམ་ཚོང་ལཱ་དང་ རྒྱ་ཆེ་བའི་གོ་སྐབས་ངོས་འཛིན་འབད་ནི།
  • ལུང་ཕྱོགས/རྫོང་ཁག་གི་ ཕན་ཚུན་དང་ནང་འཁོད་ཀྱི་ ཚོང་འབྲེལ་མཐུན་འབྲེལ ༼ལྷག་ལུས་དང་མ་ལང་བའི་ལུང་ཕྱོགས་ཚུ་མཐུད་ནི། རྫོང་ཁག/གཙུག་སྡེ་ཚུ༽
  • རྒྱལ་སྤྱི་དང་ལུང་ཕྱོགས་ལས་ཚོགས་ དཔེར་ན་ འཛམ་གླིང་ཚོང་འབྲེལ་འདུས་ཚོགས། ལྷོ་ཨེ་ཤི་ཡའི་ཚོང་འབྲེལ་རང་དབང་ས་ཁོངས་(South Asian Free Trade Area)དང་ བེང་གཱལ་མཚོ་ཁུག་གི་འཕྲུལ་རིག་དང་དཔལ་འབྱོར་མཉམ་འབྲེལ་ཐབས་རིག་(BIMSTEC) དང་གཅིག་ཁར་ འབྲེལ་བ་འཐབ་ནི།
  • རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་དངོས་དོན་ལུ་ ཕྱིའི་ཐད་ཀར་མ་རྩ་བཙུགས་བཞག་དང་ སྒེར་གྱི་མི་མང་མཉམ་སྡོམ་ཚོང་ལས་ཕན་གྲོགས་འབད་ནི།
  • བྱ་རིམ། སྒམ་རྐྱབ་ཐངས། དངོས་རྣམ་དང་ ཁ་ཡིག་བཏགས་ནིའི་ལམ་ལུགས་ཚུ་ ཡར་སེང་རྐྱབ་ཐོག་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཐོན་དངོས་གཙོ་བོའི་རིན་ཐང་ ཡར་སེང་རྐྱབ་ནི།
  • དཔེར་ན་ རྒྱལ་གཞུང་འགན་ལེན་བདོན་གཏད་བརྗེ་སོར་ཁང་དང་ འབྲུག་བཟའ་སྤྱོད་ལས་འཛིན་ཚན་གྱི་མཉམ་རུབ་ཐོག་ལས་ ཡོངས་ཐོག་ཚོང་འབྲེལ་དང་ ཚོང་འབྲེལ་གོ་སྐབས་བཟོ་ནི།

    མཉམ་ལས་ཚོགས་སྡེ་གོང་འཕེལ་སྡེ་ཚན།

  • སོ་ནམ་པའི་སྡེ་ཚན་དང་མཉམ་ལས་ཚོགས་སྡེའི་ ཐོ་བཀོད་དང་གོང་འཕེལ།
  • གཙུག་སྡེའི་མཐུན་འབྲེལ་དང་ བརྡ་སྤྲོད་སྟབས་བདེ་དྲགས་བཟོ་ནི།
  • སོ་ནམ་པའི་སྡེ་ཚན/མཉམ་ལས་ཚོགས་སྡེ་ གོང་འཕེལ་གཏང་ནི/སྒྲིང་སྒྲིང་བཟོ་ནི་དོན་ལུ་ རྒྱལ་སྤྱིའི་ལས་སྡེ་དང་འབྲེལ་བ་འཐབ་ནི།
  • ལྕོགས་གྲུབ་བཟོ་ནིའི་ལས་རིམ་ཐོག་ལས་ མཉམ་ལས་ཚོགས་སྡེ/སོ་ནམ་པའི་སྡེ་ཚན་ ཡར་རྒྱས་གཏང་ནི་དང་སྒྲིང་སྒྲིང་བཟོ་ནི།
  • མཉམ་ལས་ཚོགས་སྡེའི་མ་དངུལ་དང་ སྐྱིན་འགྲུལ་གྱི་ཞབས་ཏོག་ སྟབས་བདེ་དྲགས་བཟོ་ནི།
  • སོ་ནམ་པའི་སྡེ་ཚན/མཉམ་ལས་ཚོགས་སྡེ་ ཚད་འཛིན་དང་ལྟ་རྟོག་འབད་ནི།
  • འབྲུག་གི་མཉམ་ལས་ཚོགས་སྡེའི་བཅའ་ཁྲིམས༼འཕྲི་སྣོན༽ ༢༠༠༩ ཅན་མའི་ དགོས་མཁོ་དང་བསྟུན་ ལས་སྣ་གཞན་ག་ཅི་ཨིན་རུང་།

ལུང་ཕྱོགས་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ཡིག་ཚང་།

  • ལུང་ཕྱོགས་ཀྱི་གནས་ཚད་ལུ་ སོ་ནམ་ཚོང་ལཱ་དང་ གྲོང་གསེབ་སྐྱིན་གྲུལ་ཡོད་པའི་ ཚོང་འབྲེལ་དང་འབྲེལ་བའི་ལས་སྣ་ཚུ་ འགོ་འདྲེན་འཐབ་ནི་དང་ གཞི་བཙུགས་ཡར་སེང་རྐྱབ་ནི།
  • སོ་ནམ་པའི་སྡེ་ཚན/མཉམ་ལས་ཚོགས་སྡེ་འདི་ འོས་ལྡན་གྱི་ནང་འཁོད་ཚོང་ལམ ༼སློབ་གྲྭ། གཙུག་སྡེ་དང་ལས་འགུལ་སྦོམ་ལ་སོགས་པ༽ དང་མཐུད་ནི་ དེ་ལས་ ཡུན་དུ་བརྟན་ནི།
  • ཚོང་འབྲེལ་བྱ་རིམ་ཕན་གྲོགས་འབད་ནི་ལུ་ རྫོང་ཁག་སོ་སོ། ཡན་ལག་ཚོང་ཁང་གཙོ་བོ་དང་ ཡིག་ཚང་ལྟེ་བའི་བར་ན་ མཐུན་འབྲེལ་ཤུགས་སྣོན་རྐྱབ་ནི།
  • ཡིག་ཚི་ལྟེ་བ་དང་ འབྲེལ་ཡོད་ཁེ་རྒུད་ཡོད་མི་ཚུ་ལུ་ དགོས་མཁོ་ཅན་གྱི་ཚོང་ལམ་དང་ཚོང་འབྲེལ་བརྡ་དོན་ བསྡུ་ལེན་དང་བརྡ་སྤྲོད་འབད་ནི།
  • ཚོང་འབྲེལ་མཉམ་ལས་ཚོགས་སྡེ/སོ་ནམ་པའི་སྡེ་ཚན་འདི་ གཞི་བཙུགས་འབད་ནི་དང་ལཱ་འབད་ནི་ལུ་ གྲོགས་རམ་འབད་ནི།
  • ཡིག་ཚང་ལྟེ་བ་དང་ འབྲེལ་ཡོད་ཁེ་རྒུད་ཡོད་མི་ཚུ་མཉམ་རུབ་ཀྱི་ཐོག་ལས་ འོས་ལྡན་གྱི་ཐོན་སྐྱེད་བཟོ་མི་ལུ་ ཚོང་འབྲེལ་གྱི་སྦྱོང་བསྡར་བྱིན་ནི།
  • ལུང་ཕྱོགས་ཚོང་ལམ ༼གོང་ཚད། མཁོ་མངག་དང་མཁོ་སྤྲོད་གནས་སྟངས༽ གྱི་བརྟག་ཞིབ་ ཟླཝ་གསུམ་གྱི་རྐྱབ་ལས་ ཚར་རེ་འགོ་འདྲེན་འཐབ་ནི་དང་ རྒྱབ་སྣོན་ངོ་སྦྱོར་ཚུ་ཡིག་ཚང་ལྟེ་བ་ལུ་གཏང་ནི།
  • ཚོང་ལམ་གྱི་གཞི་རྟེན་མཁོ་ཆས་ཚུ་ ལཱ་ཚུལ་མཐུན་འབདཝ་ཨིནམ་ངེས་བརྟན་བཟོ་ནི་དང་ དགོས་མཁོ་དང་བསྟུན་པའི་གཞི་རྟེན་མཁོ་ཆས་གཞི་བཙུགས་འབད་ནི་འདི་ གོང་འཕེལ་གཏང་ནི།
  • འོས་ལྡན་གྱི་ཞིང་ཁའི་ཐོན་སྐྱེད་སྐོར་ལས་ ཐོན་སྐྱེད་བཟོ་མི་དང་རྒྱ་སྐྱེད་གཏང་མི་གཉིསཔ་ཆ་ར་ལུ་ ཐོན་སྐྱེད་འཆར་གཞི་གུ་ བཀའ་སློབ་བྱིན་ནི།
  • འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ རྫོང་ཁག་གི་གནས་ཚད་ལུ་ ཕན་ནུས་ཅན་གྱི་ཚོང་འབྲེལ་བརྡ་དོན་ལམ་ལུགས་ འགོ་བཙུགས་ནི།
  • གཙུག་སྡེ་དང་འབྲེལ་བའི་རྒྱབ་སྐྱོར་བྱིན་ནི་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཐོན་དངོས་ལྷག་ལུས་ཀྱི་ཚོང་འབྲེལ་གུ་ བཀའ་སློབ་བྱིན་ནི།
  • ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ལས་རིམ་ཚུ་ ལྟ་རྟོག་དང་དབྱེ་ཞིབ་འབད་ནི་དང་ སོ་ནམ་པ། སོ་ནམ་པའི་སྡེ་ཚན། མཉམ་ལས་ཚོགས་སྡེ་དང་སྒེར་གྱི་ལས་སྡེ་ཚུ་ ལྕོགས་གྲུབ་བཟོ་ནི་ལུ་ ཡིག་ཚང་ལྟེ་བ་ལུ་རྒྱབ་སྐྱོར་འབད་ནི།

Loading

Print Friendly, PDF & Email
Share